༄༅།། མ་གཏོར་ན་འཛུགས་མི་ཐུབ་ཟེར་བ་ནི་མའོ་ཙེ་ཏུང་གི་བསམ་བློའི་སྙིང་བཅུད་དེ་ཡིན་པ་རེད། མའོ་ཙེ་ཏུང་གིས་སྐུལ་སློང་བྱས་པའི་རིག་གནས་གསར་བརྗེ་ཆེན་པོ་དེས་རྒྱ་ནག་ལ་གཏོར་བཤིག་ཆེན་པོ་ཕྱིན་ཡོད་པ་མ་ཟད། ད་དུང་བོད་ལ་ཡང་གཏོར་བཤིག་ཆེན་པོ་བཟོས་ཡོད། དེར་བརྟེན་གཏོར་བཤིག་ཆེན་པོ་བཏང་ཟིན་པའི་རྗེས་གསར་འཛུགས་ཟེར་བ་བྱེད་ཐུབ་ཡོད་དམ། མའོ་ཡིས་གསར་བརྗེའི་ཨུ་ཡོན་ལྷན་ཁང་ཟེར་བ་དེས་གསར་འཛུགས་ཟེར་བའི་མཚོན་རྟགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་རང་ཉིད་ཀྱིས་གཏོར་བཤིག་བཏང་བའི་གྱང་རོའི་སྟེང་བསྐྱར་དུ་སྲིད་དབང་གསར་པ་ཞིག་བཙུགས་ཡོད་པ་སྟེ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཟེར་བ་དེས་མའོ་ཡིས་སྤེལ་བའི་རིག་གནས་གསར་བརྗེའི་དམིགས་ཡུལ་མངོན་འགྱུར་བྱེད་པ་དེ་ཡིན། གཤམ་གསལ་དེ་ནི་རྒྱ་ནག་དབུས་གུང་ཁྲན་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང༌། དབུས་དམག་དོན་ལྷན་ཁང༌། དབུས་ཀྱི་རིག་གནས་གསར་བརྗེའི་ཚོགས་ཆུང་བཅས་ནས་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་གནད་བསྡུས་རེད།
སྤྱི་ལོ་༡༩༦༨ ལོའི་ཟླ་༨ཚེས་༢༨ཉིན་དབུས་གང་ནས་འགྲེམ་སྤེལ་བྱས་པའི་ཡིག་ཨང་༦༨ གྲངས་ ༡༣༦
གཙོ་འཛིན་མའོ་(ཀྲུའུ་ཞི་)ཡི་མཆན་བཀོད་མཛུབ་སྟོན་དེ་ལྟར་སྒྲུབ་དགོས༌།
རྒྱ་ནག་གུང་ཁྲན་ཚོགས་པའི་བོད་དམག་ཁུལ་ཁང་ཨུ་ཡོན་ལྷན་ཁང་ནས་འབྲེལ་ཡོད་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱ་རྒྱུའི་ཐད་ཀྱི་དགོངས་སྐོར་ཞུ་བའི་སྙན་སེང་ཞུས་པ་དེར་དབུས་གཞུང་གིས་མོས་མཐུན་བྱས་ཡོད་པ་དང༌། དབུས་གཞུང་ནས་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་རྒྱལ་ཁའི་ངང་དབུ་བརྙེས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཡོད་པ་རེད།
བོད་ནི་རང་རྒྱལ་གྱིས་ཨ་རི་བཙན་རྒྱལ་པར་ངོ་རྒོལ་དང་སུའུ་ལན་བཟོ་བཅོས་པར་ངོ་རྒོལ། རྒྱ་གར་ལོག་སྤྱོད་ཤོག་ཁག་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་ལྷོ་ནུབ་ཀྱི་མདུན་ཕྱོགས་གཡུལ་ས་ཞིག་ཡིན་པས་འཐབ་ཇུས་ཐོག་གི་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་དང་གྲལ་རིམ་འཐབ་རྩོད་ཧ་ཅང་རྙོག་འཛིང་ཡོད་པ་རེད། དེར་དུས་ཡུན་རིང་པོའི་ནང་ལོག་སྤྱོད་ཀྱི་ཞིང་བྲན་བདག་པོའི་གྲལ་རིམ་གྱི་གདུག་རྩུབ་དབང་སྒྱུར་དང་དབྱིན་ཇི་བཙན་རྒྱལ་རིང་ལུགས། རྒྱ་གར་ལོག་སྤྱོད་ཤོག་ཁག་གི་བཙན་འཕྲོག་མྱོང་དགོས་བྱུང་ཡོད་ལ། ཨ་རི་བཙན་རྒྱལ་རིང་ལུགས་དང་སུའུ་ལན་བཟོ་བཅོས་རིང་ལུགས། ཅང་ཅེ་ཧྲེ་ཇག་ཚོགས་ནས་ཀྱང་གསང་མྱུལ་མང་པོ་མངག་གཏོང་བྱས་ཡོད། གུང་ཁྲན་ཚོགས་པའི་ནང་གི་མ་རྩ་རིང་ལུགས་ལམ་དུ་སྐྱོད་མཁན་དབང་འཛིན་ཤོག་ཁག་ཆེ་ཤོས་ནང་གི་རྒྱ་ནག་གི་ཧི་ལུ་ཤའོ་ཧྥུ་སོགས་མི་སྣ་ཉུང་ཤས་དང་དེ་བཞིན་བོད་ལ་ཡོད་པའི་ཚབ་བྱེད་མི་སྣ་ཀྲའོ་རན་ཧྲན། ཝང་ཆི་མིན་སོགས་ཀྱིས་ཏཱ་ལ་དང་པན་ཆེན་རྒྱལ་ཁབ་ལ་རྒྱབ་གཏོད་རུ་ཚོགས་དང༌། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་མི་ངན་ལྷག་རོ་བཅས་ནས་ངན་འབྲེལ་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་མ་རྩ་རིང་ལུགས་བསྐྱར་ལོག་བྱ་རྒྱུར་རེ་ངན་བཅངས་ཡོད་པ་རེད།
རླབས་ཆེན་གཙོ་འཛིན་མའོ་(ཀྲུའུ་ཞི་)སྐུ་ངོ་མས་སྐུལ་སློང་དང་འགོ་ཁྲིད་བྱས་པའི་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོའི་ནང་བོད་ཀྱི་འབྱོར་མེད་གྲལ་རིམ་གསར་བརྗེའི་ཤོག་ཁག་དང་མི་རིགས་ཁག་གི་གསར་བརྗེའི་མང་ཚོགས་ནས་མའོ་ཙེ་ཏུང་གི་དགོངས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་གྲལ་རིམ་གྱི་དགྲ་བོར་ཛ་དྲག་གིས་དམར་འཛིང་བྱས་ཏེ་ཁོ་པ་ཚོས་གསར་བརྗེར་ངོ་རྒོལ་བྱ་བའི་རྨི་ལམ་ཐལ་བའི་རྡུལ་དུ་བསླགས་པ་རེད། འདི་ནི་འཐབ་ན་མི་རྒྱལ་བ་མེད་པའི་མའོ་ཙེ་ཏུང་གི་དགོངས་པའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཡིན་པ་དང༌། གཙོ་འཛིན་མའོ་(ཀྲུའུ་ཞི་)ཡི་འབྱོར་མེད་གྲལ་རིམ་གསར་བརྗེའི་ལམ་ཕྱོགས་ཀྱི་རླབས་ཆེན་རྒྱལ་ཁ་ཞིག་ཡིན་པ་རེད། མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དམག་དཔུང་གི་རྒྱ་ཆེའི་དཔོན་དམག་ཚོས་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཀྱི་ལས་ཀའི་ནང་གྲུབ་འབྲས་ཆེན་པོ་ཐོབ་ཐུབ་པ་བྱས་ཡོད།
རླབས་ཆེན་གཙོ་འཛིན་མའོ་(ཀྲུའུ་ཞི་)སྐུ་ངོ་མས་སྐུལ་སློང་དང་འགོ་ཁྲིད་བྱས་པའི་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོའི་ནང་བོད་ཀྱི་འབྱོར་མེད་གྲལ་རིམ་གསར་བརྗེའི་ཤོག་ཁག་དང་མི་རིགས་ཁག་གི་གསར་བརྗེའི་མང་ཚོགས་ནས་མའོ་ཙེ་ཏུང་གི་དགོངས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་གྲལ་རིམ་གྱི་དགྲ་བོར་ཛ་དྲག་གིས་དམར་འཛིང་བྱས་ཏེ་ཁོ་པ་ཚོས་གསར་བརྗེར་ངོ་རྒོལ་བྱ་བའི་རྨི་ལམ་ཐལ་བའི་རྡུལ་དུ་བསླགས་པ་རེད། འདི་ནི་འཐབ་ན་མི་རྒྱལ་བ་མེད་པའི་མའོ་ཙེ་ཏུང་གི་དགོངས་པའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཡིན་པ་དང༌། གཙོ་འཛིན་མའོ་(ཀྲུའུ་ཞི་)ཡི་འབྱོར་མེད་གྲལ་རིམ་གསར་བརྗེའི་ལམ་ཕྱོགས་ཀྱི་རླབས་ཆེན་རྒྱལ་ཁ་ཞིག་ཡིན་པ་རེད། མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དམག་དཔུང་གི་རྒྱ་ཆེའི་དཔོན་དམག་ཚོས་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཀྱི་ལས་ཀའི་ནང་གྲུབ་འབྲས་ཆེན་པོ་ཐོབ་ཐུབ་པ་བྱས་ཡོད།
དབུས་གཞུང་གིས་ཡིད་ཆེས་ཡོད་པར་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པའི་རྗེས་ངེས་པར་དུ་གང་མྱུར་བརྒྱུད་བསྒྲགས་བྱེད་དགོས་པ་དང་རླབས་ཆེན་གཙོ་འཛིན་མའོ་(ཀྲུའུ་ཞི་)དང་མའོ་ཀྲུའུ་ཞིས་གཙོ་བོ་གནང་བ་དང་ལིན་ཧྥུའུ་ཀྲུའུ་ཞི་གཞོན་པ་གནང་བའི་འབྱོར་མེད་གྲལ་རིམ་དམག་སྤྱི་ཁང་གི་བཀའ་སློབ་ཡོད་ཚད་དང་འཐབ་རྩོད་ཀྱི་བཀའ་བརྡ་ཡོད་ཚད་དེ་བས་བརྒྱུད་བསྒྲགས་ཡག་པོ་བྱེད་པ་དང་། དེ་བས་ལག་བསྟར་ཡག་པོ་བྱས་ཏེ་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པ་བྱས་ཏེ་བོད་ལྗོངས་འདི་བཞིན་དམར་འོད་ཆེམ་ཆེམ་འཕྲོ་བའི་མའོ་ཙེ་ཏུང་དགོངས་པའི་སློབ་གྲྭ་ཆེན་མོ་ཞིག་ལ་འཛུགས་སྐྲུན་བྱེད་ཐུབ་རྒྱུར་དབུས་གཞུང་(ཀྲུང་དབྱང་)གིས་ཡིད་ཆེས་ཡོད་ཟེར་བཀོད་ཡོད་པ་རེད།།
ཕོ་བྲང་པོ་ཏཱ་ལའི་ཉེ་འགྲམ་དུ་ཡོད་པའི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ཟེར་བའི་སྒོའི་མདུན་ཐང་དུ་སྐབས་དེ་དུས་ཡང་དམག་དམངས་མཉམ་ཞུགས་ཀྱི་ཚོགས་ཆེན་ཞིག་ཚུགས་བཞིན་ཡོད་པ་རེད་འདུག མའོ་ཙེ་ཏུང་གིས་དམག་ཆས་གྱོན་པའི་འདྲ་པར་བྲིས་མ་ཧ་ཅང་ཆེན་པོ་འདིའི་སྒང་གི་ཕྲེད་དར་སྟེང་ལ་བཅིངས་འགྲོལ་གྲོང་ཚོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་རྟེན་འབྲེལ་ཚོགས་ཆེན་ཞེས་འཁོད་ཡོད། དེར་བརྟེན་ནས་བཅིངས་འགྲོལ་དམག་མི་མང་པོ་དེ་འདྲ་ཚོགས་ཆེན་འདིའི་ཐོག་མཉམ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ང་ཚོས་ཤེས་རྟོགས་ཐུབ་རྒྱུ་རེད། བཅིངས་འགྲོལ་གྲོང་ཚོའི་(དེང་སང་ལྷ་སའི་བྱང་ངོས་ཀྱི་ལྷ་ཀླུ་གྲོང་ཚོ་ཡིན་པ་རེད།) ཞིང་པ་ཚུད་པའི་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་ཡོད་པའི་དམག་དཔུང་དེ་གང་ནས་ཡིན་མིན་ང་ཚོས་ཤེས་ཀྱི་མེད་ཀྱང་དམག་དཔུང་གི་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་དམིགས་ཡུལ་ནི་གསར་བརྗེ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཆེད་དུ་མ་རེད་དམ།
ལྟ་དུས་བཅིངས་འགྲོལ་གྲོང་ཚོ་འདི་སྤྱི་ཚོགས་རྙིང་པ་ཟེར་བའི་སྐབས་ལ་སྐུ་དྲག་གཟིམ་ཤག་ལྷ་ཀླུའི་གཞིས་ཀ་ཡིན་པ་དང༌། ད་ཆ་ངལ་རྩོལ་མི་དམངས་ཀྱི་ལག་ཏུ་ཚུར་ལེན་ཐུབ་པ་མ་ཟད། ད་དུང་བཅིངས་འགྲོལ་དམག་གི་འགོ་ཁྲིད་འོག་འགོ་ཁྲིད་དཔུང་ཁག་གསར་པ་སྟེ་གྲོང་ཚོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པས་དངོས་གནས་འཇིག་རྟེན་གཞན་ཞིག་ལ་གྱུར་ཡོད་པ་རེད།