སྒྲོལ་དཀར།

བོད་ནང་འཚར་ལོངས་བྱུང་ཞིང། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡོད་པའི་ཀྲུང་དབྱང་(དབུས་)མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་ནས་སློབ་ཐོན་བྱུང་བའི་རྗེས་ལྷ་སར་ཡོད་པའི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ལ་བོད་ཡིག་པར་ངོས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གནང་མྱོང་ཡོད། སྤྱི་ལོ་༡༩༩༦ལོ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་གནང་མུས་ཐོག་དམིགས་བསལ་གཏམ་གླེང་ཞལ་པར་ལེ་ཚན་གྱི་གཙོ་སྐྱོང་བ་གནང་བཞིན་ཡོད་པ་རེད་ལ། འོད་ཟེར་གྱི་གླེང་སྟེགས་ཞུ་བའི་ལེ་ཚན་འདི་བོད་ཡིག་ཐོག་ཕབ་སྒྱུར་གྱིས་གཙོ་སྐྱོང་གནང་མུས་ཡིན་པ་རེད།